པའེ་ཏེང་གིས་འཆར་གཞི་འདི་ཁྱབ་བསྒྲགས་བྱས།
ས་གནས་དེ་གའི་དུས་ཚོད་ཟླ7ཚེས29ཉིན། ཨ་རིའི་ཕོ་བྲང་དཀར་པོའི་གཞུང་ཕྱོགས་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་ནས། ཙུང་ཐུང་པའེ་ཏེང་གིས་ཆེས་མཐོའི་ཁྲིམས་ཁང་ལ་ཛ་དྲག་གི་སྒྱུར་བཅོས་བྱ་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་པ་རེད།
ཚེས26ཉིན་ཨ་རིའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། པའེ་ཏེང་གིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཆེས་མཐོའི་ཁྲིམས་ཁང་སྒྱུར་བཅོས་སྐོར་གྱི་གྲོས་གཞི་ཁྱབ་བསྒྲགས་བྱ་རྒྱུ་རེད། ཨ་རིའི་《ཆབ་སྲིད་ཚགས་པར་》ཐོག་གནས་ཚུལ་ཤེས་མཁན་གྱི་གནས་འཕྲིན་དྲངས་ནས་འཁོད་དོན། འཆར་གཞི་དེར་སྔོན་དཔག་བྱས་ན། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་པོའི་འགན་འཁུར་ཡུན་གྱི་ཚད་བཀག་བཟོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། གཅུན་ནུས་ལྡན་པའི་ལས་རིགས་ཀྱི་ཀུན་སྤྱོད་ཚད་གཞི་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། གཞན་ཡང་། གྲོས་གཞི་དེའི་ནང་རྩ་ཁྲིམས་དག་བཅོས་འཆར་ཟིན་ཞིག་ཀྱང་ཚུད་ཡོད་སྲིད་ལ། དེ་ཡིས་ཙུང་ཐུང་དང་དམིགས་བསལ་དཔོན་རིགས་གཞན་དག་གི་བཙོན་འགྲོལ་དབང་ཆར་ཚོད་འཛིན་བྱ་རྒྱུ་རེད།
རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ནི་ཨ་རིའི་ཁྲིམས་འཛིན་ཁོངས་གཏོགས་ཀྱི་མཐའ་མའི་གོང་གཏུག་ཁྲིམས་ཁང་ཞིག་ཡིན་པ་དང་། འོག་རིམ་ཁྲིམས་ཁང་གི་ཁྲུན་ཐག་བཅད་པར་ཞིབ་དཔྱད་དང་མགོ་རྟིང་སློག་པའི་དབང་ཆ་ཡོད་པ་དང་། དུས་མཚུངས་ཨ་རིའི་རྩ་ཁྲིམས་ཀྱི་མཐའ་མའི་འགྲེལ་བཤད་རྒྱག་མཁན་ཡང་ཡིན། གནས་འཕྲིན་སྤེལ་བར་གཞིགས་ན། གྲོས་གཞི་དེའི་རྒྱབ་ལྗོངས་ནི་ཉེ་བའི་ལོ་ཤས་རིང་ཕོ་བྲང་དཀར་པོ་དང་དམངས་གཙོ་ཏང་མིས་རྙིང་ཞེན་ཤོག་ཁས་མང་ཆེ་བ་བཟུང་བའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲུན་ཐག་བཅད་པར་དེ་བས་ཡི་མི་རང་བ་དེ་ཡིན་པ་རེད།
ཟླ7པའི་ཚེས1ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཆེས་མཐོའི་ཁྲིམས་ཁང་གིས་ཐེ་རོན་ཕུའུ་ལ“2020ལོའི་འདེམས་བསྐོར་ཐེ་ཇུས་བྱས་པའི་”དོགས་གཞི་ཡོད་པའི་རྒྱལ་ཕྲན་མཉམ་འབྲེལ་གྱོད་གཞིའི་ཁྲོད་ཚད་གཞི་ངེས་ཅན་གྱི་ཉེས་དོན་ཞུ་གཏུག་གི་བཙོན་འགྲོལ་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁྲུན་ཐག་བཅད་པ་རེད། པའེ་ཏེང་གིས་ཉིན་དེར་ཁྲུན་ཐག་དེ་“ཉེན་ཁ་ཆེ་བའི་སྔོན་དཔེ་”ཞིག་རེད། དེའི་ཐོག་ནས་ཙུང་ཐུང་གི་དབང་ཆར་ཚོད་འཛིན་མི་བྱེད་པ་མཚོན་གྱི་ཡོད་ཅེས་སྐྱོན་བརྗོད་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注