ཧ་མ་སིའི་མགོ་ཁྲིད་དབྱི་ལིང་དུ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་འདུག

ཀྲུང་དབྱང་རྒྱང་སྒྲོག་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཟླ7པའི་ཚེས31ཉིན་གོ་ཐོས་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་རུ་དམག་གི་ཕྱི་འབྲེལ་སྡེ་ཁག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་ལས་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་ཆབ་སྲིད་ཅུས་ཀྱི་མགོ་ཁྲིད་ཡི་སུ་མེན་ཨར་ཧ་ནིས་ཡ་དང་སྲུང་དམག་ཅིག་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་འདུག

གསལ་བསྒྲགས་ལས་བསྟན་དོན། དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན། བརྟག་དཔྱད་བྱས་པའི་མཇུག་འབྲས་དེ་རྗེས་མར་སྤྱི་བསྒྲགས་བྱ་རྒྱུ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号