ནེ་པ་ལར་གནམ་གྲུ་ལྷུངས་ནས་མི22རྐྱེན་ལམ་དུ་ཤོར་བ།

ས་གནས་དེ་གའི་དུས་ཚོད་ཚེས24ཉིན་གྱི་ཉིན་གུང། ནེ་པ་ལའི་ཉི་མ་མཁའ་འགྲུལ་ཀུང་སིའི(Sourya Airlines)འགྲུལ་སྐྱེལ་གནམ་གྲུ་ཞིག་ཀ་ཏ་མན་ཏུ་ཐེ་རེ་པུའུ་ཝན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ལྷུང་པ་རེད། གནམ་ཐང་གི་དཔོན་རིགས་ཀྱིས་འགྲུལ་སྐྱེལ་གནམ་གྲུ་དེ་པོག་ར་ནས་ཀ་ཏ་མན་ཏུར་འཕུར་ཏེ་གནམ་གྲུ་ཐང་དུ་འབབ་རྩིས་བྱེད་སྐབས་སར་ལྷུང་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། གནམ་གྲུའི་ནང་ཁྱོན་འགྲུལ་པ17དང་གནམ་གྲུའི་ལས་སྒྲུབ་མི་སྣ2ཡོད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གྲུའི་ནང་ཕྱི་རྒྱལ་གྱི་འགྲུལ་པ་གཅིག་ཕུད་འགྲུལ་པ་གཞན་དག་ཚང་མ་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པ་རེད། གནམ་གྲུ་ལྷུང་སྐབས་གནམ་ཐང་གི་ས་ངོས་སུ་ད་དུང་མི་སྣ་གཞན་དག་འགྲོ་འོང་བྱེད་ཀྱིན་ཡོད། གནམ་གྲུ་ལྷུང་པའི་དོན་རྐྱེན་གྱིས་མིག་སྔར་མི1ལ་རྨས་སྐྱོན་ཕོག་པ་དང་། མི22རྐྱེན་ལམ་དུ་ཤོར། དེའི་ནང་མི18གནམ་གྲུའི་ནང་གི་མི་སྣ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号