ནེ་པ་ལས་ཙུང་ལི་གསར་པ་བསྐོས་འདུག
ས་གནས་དེ་གའི་དུས་ཚོད་ཚེས14ཉིན། ནེ་པ་ལའི་ཙུང་ཐུང་པའོ་ཏེར་གྱིས་ནེ་པ་ལའི་གུང་ཁྲན(མཉམ་འབྲེལ་མར་ལེ)གྱི་ཀྲུའུ་ཞི་ཨའོ་ལི་མཉམ་འབྲེལ་སྲིད་གཞུང་གསར་པའི་ཙུང་ལིར་བསྐོ་གཞག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཨའོ་ལིས་ས་གནས་དེ་གའི་དུས་ཚོད་ཚེས15ཉིན་དམ་བཅའ་བཞག་ནས་འགན་བཞེས་རྒྱུ་ཡིན་པ་རེད།
ས་གནས་དེ་གའི་དུས་ཚོད་ཚེས12ཉིན་ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏར་གྲོས་ཁང་འོག་མའི་ཡིད་ཆེས་འདེམས་ཤོག་འཕེན་སྐབས་རྒྱབ་སྐྱོར་འདེམས་ཤོག་ཕྱེད་ཀ་ཡན་ཐོབ་མེད་པས་ཙུང་ལིའི་གོ་གནས་ཕྱིར་འཐེན་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注