གླང་ཆེན་བཅུ་ལྷག་མཚན་གུང་ལ་ཉེན་རྟོག་ཁང་དུ་འཛུལ་འདུག

ཟླ7པའི་ཚེས5ཉིན་གྱི་ཐོ་རེངས་སུ། ཡུན་ནན་ཞིང་ཆེན་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་མེ་ལ་རྫོང་དུ། བདག་ཏུ་མ་བཟུང་བའི་ཨ་ཤེ་ཡའི་གླང་ཆེན་བཅུ་གྲངས་ཀྱིས་གློ་བུར་དུ་མོ་ཧན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཧྲང་ཡུང་ཡན་ལག་ས་ཚིགས་ཀྱི་སྒར་ཁུལ་དང་དེའི་མཐའ་འཁོར་དུ་ཡོང་བ་རེད། ད་ཆ། གླང་ཆེན་དེ་དག་སྒར་ཁུལ་ནས་ཁ་བྲལ་ཏེ་ནགས་ཚལ་དུ་ལོག་ཡོད་པ་རེད།

ཐོ་རེངས་ཆུ་ཚོད4དང་སྐར་མ34ནས་བཟུང་། སྔ་རྗེས་སུ་གླང་ཆེན་དར་མ3དང་གླང་ཆེན་གྱི་གླང་ཕྲུག1གིས་གཅིག་རྗེས་གཉིས་མཐུད་དུ་མོ་ཧན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཧྲང་ཡུང་ཡན་ལག་ས་ཚིགས་ཀྱི་སྒར་སྒོའི་མདུན་དུ་བསྐྱོད་པ་དང་། དེ་རྗེས་གླང་ཆེན་དར་མ5ཙམ་སྒར་སྒོའི་མདུན་དུ་འཛོམས་ནས། སྐར་མ་3ཙམ་ཕར་འགྲོ་ཚུར་འོང་བྱས་རྗེས་དེ་ནས་ཁ་བྲལ་བ་རེད། ཆུ་ཚོད4དང་སྐར་མ57ཐོག གླང་ཆེན3གཞོགས་གཅིག་གི་ར་བསྐོར་ནས་སྒར་ཁུལ་དུ་འཛུལ་ཏེ་སྒར་ཁུལ་གྱི་ཟུར་ཞིག་དང་ལན་ཆིའུ་སྤོ་ལོ་ཐང་དུ་བསྡད་ནས་རྩེད་མོ་རྩེ་བཞིན་ཡོད་པ་རེད། ཆུ་ཚོད5ཙམ་ལ། སྒར་ཁུལ་དུ་འཛུལ་བའི་གླང་ཆེན3གཞོགས་གཞན་ཞིག་གི་ར་བསྐོར་ནས་སྒར་ཁུལ་ཐོན་ཏེ་གླང་ཆེན་ཁྱུ་ཚོགས་དང་མཉམ་དུ་ནགས་ཚལ་དུ་ཕྱིར་ལོག་པ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号