ཨ་རིའི་གནམ་གྲུ་འདི་འཕུར་སྐབས་སུ་འཁོར་ལོ་ལྷུངས་འདུག

ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས8ཉིན་གྱི་ཞོགས་པར། ཨ་རིའི་པོ་དབྱིན757འགྲུལ་སྐྱེལ་གནམ་གྲུ་ཞིག་ལུའོ་ཧྲན་ཅི་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་སྐབས། གནམ་གྲུའི་འཁོར་ལོ་ཞིག་ལྷུངས་བ་ར་སྤྲོད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་འཛོལ་ནང་དངོས་པོར་གཏོར་སྐྱོན་དང་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་གང་ཡང་བྱུང་མེད་པ་རེད། ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་གསལ་བསྒྲགས་ཤིག་ནང་། གནམ་གྲུའི་འཁོར་ལོ་རྙེད་ཟིན་པ་དང་། བརྟག་དཔྱད་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号