འཕྲལ་མར་དམག་འཁྲུག་མཚམས་འཇོག་དགོས། 

ཟླ7པའི་ཚེས8ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག ཁོང་ཀོ(ཅིན)གྱི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)དུ་ཡོད་པའི་དྲག་ཆས་ཚོགས་པ་ཚང་མས་འཕྲལ་མར་མཚོན་ཆ་བཞག་ནས། བཙན་བཟུང་ཁུལ་ནས་ཕྱིར་འཐེན་བྱེད་པའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཀེང་ཧྲོང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཀོ(ཅིན)དྲག་ཆས་ཚོགས་པས་དམག་མཚམས་འཇོག་རྒྱུ་དང་གཏུམ་སྤྱོད་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་དགོས། ཁོང་གིས་ཉེ་བའི་ཟླ་བ་གསུམ་ཙམ་ནང་མི་སེར500ལྷག་ཙམ་དྲག་ཆས་ཚོགས་པས་དམར་གསོད་བཏང་བ་དང་། མི་ཁྲི730ཡུལ་གྱར་དུ་མི་འགྲོ་ཀ་མེད་བྱུང་ཡོད་ཅེས་བཤད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཀོ(ཅིན)ཡི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱས་ཏེ། ཁོང་ཀོ(ཅིན)ཡི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལེགས་སུ་གཏོང་རྒྱུར་དགེ་མཚན་ལྡན་པའི་རོགས་རམ་བྱས་ནས། ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་གནད་དོན་སྔ་ཙམ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཀེང་ཧྲོང་གིས་ས་ཁུལ་གྱི་གནས་བབ་མགྱོགས་མྱུར་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཉེ་ཆར། ས་ཁུལ་རྒྱལ་ཁབ་སུ་ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་གནད་དོན་ལ་དམིགས་པའི་འགལ་བ་དང་མི་མཐུན་པའི་ཆ་མང་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་གཅུན་འདོམས་བྱས་ཏེ། སྐད་ཆ་ཤོད་རེས་བྱས་པ་བརྒྱུད་མི་མཐུན་པའི་ཆ་སེལ་ནས་དམག་དོན་གྱི་བྱ་ཐབས་མི་སྤྱོད་པའི་རེ་འབོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཁོང་ཀོ(ཅིན)གནད་དོན་གྱི་དམིགས་བསལ་འཐུས་མི་ཁའེ་ཐཱ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མཚེའུ་ཆེན་པོའི་ས་ཁུལ་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཞ་ཧོང་བར་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས། མུ་མཐུད་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号