ཁ་མེ་རོང་གི་ཙུང་ལི་ཟུར་པ་ཧྥེ་ལེ་མུན·ཡང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས79པའི་ཀྲུའུ་ཞི་ལ་བདམས་པ།

ཟླ6པའི་ཚེས6ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཁ་མེ་རོང་གི་ཙུང་ལི་ཟུར་པ་ཧྥེ་ལེ་མུན·ཡང་ལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས79པའི་ཀྲུའུ་ཞི་ལ་བདམས།

པར་འདི་ནི་ཟླ6པའི་ཚེས6ཉིན་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཁ་ལེ་རོང་གི་ཙུང་ལི་ཟུར་པ་ཧྥེ་ལེ་མུན་གྱིས་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།  

ཧྥེ་ལེ་མུན་གྱིས་འདེམས་ཐོན་བྱུང་རྗེས་ཀྱི་གཏམ་བཤད་གནང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་སྲུང་སྐྱོབ་བྱ་རྒྱུའི་འབོད་སྐུལ་བཏང་བ་མ་ཟད། འགན་ཁུར་བའི་དུས་ཡུན་ནང་ཕྱོགས་མང་རིང་ལུགས་ཀྱི་རྩ་དོན་དང་སྙིང་སྟོབས་ལ་བརྩི་སྲུང་ནན་མོ་བྱ་རྒྱུ་དང་། བློ་གཅིག་སེམས་གཅིག་གིས་ཁོངས་མི་རྒྱལ་ཁབ་དང་རོགས་ཟླའི་རྒྱལ་ཁབ་ལ་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཞེས་དམ་བཞག་པ་རེད། 

ཧྥེ་ལེ་མུན་གྱིས། རྒྱལ་ཁབ་ཁག་གིས“མཐུན་སྒྲིལ་གྱི་སྙིང་སྟོབས”ཐོག་ནས་འཇིགས་སྐུལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུ་དང་། ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་དམག་འཁྲུག་དང་གདོང་ཐུག་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོང་གིས་རྒྱུན་མཐུད་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད།རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་བཅས་བྱ་ཆེད་བྱ་སྤྱོད་སྣ་ཚོགས་སྤེལ་ཏེ། བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ལ་འགན་ལེན་བྱས་ཏེ“མི་ཚང་མར་རྩིས་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས”ཞེས་བསྟན། 

ཧྥེ་ལེ་མུན་གྱིས་ད་ལོའི་ཟླ9པར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས78པའི་ཀྲུའུ་ཞི་ཧྥུ་ལང་ཞི་སི་ཡི་གོ་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས79པའི་ཀྲུའུ་ཞི་ཡི་འགན་འཁུར་རྒྱུ་ཡིན་ལ། འགན་འཁུར་ཡུན་ལོ་གཅིག་རེད། 

ཧྥེ་ལེ་མུན་ད་ལོར་དགོང་ལོ76ཡིན་ལ། 2009ལོའི་ཟླ6པ་ནས2019ལོའི་ཟླ1བར་ཁ་མེ་རོང་རྒྱལ་ཁབ་ཀྱི་ཙུང་ལི་ཡི་འགན་འཁུར་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号