ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བདུན་པ་ཚོགས་མགོ་བརྩམས།

ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བདུན་པ་ཚེས5ཉིན་ཨུ་རུ་སིའི་གྲོང་ཁྱེར་ཆེན་མོ་གཉིས་པ་ཧྲིན་པིས་ཏི་པའོ་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ནས་ཡོང་བའི་འཐུས་མིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་གནད་དོན་གཙོ་བོར་གྲོས་བསྡུར་བྱས་ཏེ། མཉམ་དུ་མཉམ་ལས་དང་འཕེལ་རྒྱས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཐེངས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན4ཡིན་ཞིང་། བརྗོད་སྙིང་ནི་སྣེ་མང་ཅན་གྱི་འཛམ་གླིང་གི་རྨང་གཞི་སྟེ། འཕར་སྣོན་གསར་བའི་ལྟེ་གནས་ཆགས་པར་བྱེད་དགོས་ཞེས་པ་དེ་རེད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་སྐབས་འདིའི་གླེང་སྟེགས་སུ་ཞུགས་མཁན་ལ་དགའ་བསུའི་ཞུ་ཚིག་འབུལ་སྐབས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་མང་བའི་མིས་ངེས་པ་དོན་གྱི་འདྲ་མཉམ་ལ་བསྟོད་བསྔགས་བྱེད་པ་དང་ཕན་ཚུན་གྱི་ཁྲིམས་མཐུན་ཁེ་དབང་ལ་བསམ་བློ་གཏོང་བ། རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རིག་གནས་དང་དཔལ་ཡོན་སྣ་མང་ཅན་གྱི་རྩ་དོན་རྨང་གཞིའི་སྟེང་དྲང་བདེན་དང་དམངས་གཙོའི་རྒྱལ་སྤྱིའི་འབྲེལ་བའི་མ་ལག་འཛུགས་དགོས་ཟེར། ཨུ་རུ་སི་ཡིས་མཉམ་ལས་གྲོགས་པོའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་དང་མཉམ་འབྲེལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ལ། མཉམ་དུ་འབད་བརྩོན་བྱས་ནས་ང་ཚོའི་དུས་རབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། ཚན་རིག ལག་རྩལ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། གླེང་སྟེགས་དེས་ཚོང་དོན་བྱ་འགུལ་བརྒྱ་ཕྲག་འགའ་སྤེལ་བའི་འཆར་གཞི་ཡོད་པ་དང་། སྣེ་མང་ཅན་གྱི་འཛམ་གླིང་གི་དཔལ་འབྱོར་སྤོར་བསྒྱུར་དང་ཨུ་རུ་སིའི་དཔལ་འབྱོར་ཏེ་འཁོར་ཡུན་གསར་བའི་དམིགས་འབེན་དང་ལས་འགན། བདེ་ཐང་སྤྱི་ཚོགས་དང་སྲོལ་རྒྱུན་རིན་ཐང་། སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོ། སྔོན་ཐོན་གོ་གནས་ལྡན་པའི་ལག་རྩལ་ལ་ཁག་ཐེག་བྱེད་པ་སོགས་ཕྱོགས་བཞིའི་གླེང་གཞིར་འབྲེལ་ཡོད།

ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་གླེང་སྟེགས་ནི1997ལོར་སྤེལ་མགོ་བརྩམས་པ་དང་། མིག་སྔར་ཨུ་རུ་སིའི་གལ་ཆེ་བའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཆེན་གྲས་ཤིག་ཏུ་གྱུར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号