མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་སྲུང་སྐྱོབ་ཞབས་ཞུའི་གནས་ཚུལ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཚུལ་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས4ཉིན་སྤེལ་བའི་སྙན་ཞུ་ཞིག་ལས་མངོན་པ་ལྟར་ན། ཨ་ཧྥེ་རི་ཁ་གླིང་ནས་ཡོ་རོབ་གླིང་དུ་འགྲོ་བའི་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ལ་སྲུང་སྐྱོབ་ཞབས་ཞུ་མེད་པའི་གནས་ཚུལ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར།

སྙན་ཞུ་དེ་ལྟར་ན། 2022ལོའི་ཟླ7པའི་ཚུན་ལ། ཚོད་དཔག་བྱས་ན་མི3045ས་དཀྱིལ་མཚོ་ཁོངས་དབུས་ནུབ་དང་། ཨ་ཧྥེ་རི་ཁ་གླིང་གི་ནུབ་བྱང་ཕྱོགས་ཀྱི་མཚོ་ཐོག་འགྲུལ་བཞུད་ལམ་ཐིག་སྟེང་རྐྱེན་ལམ་དུ་ཤོར་བའམ་གར་སོང་རྙེད་མེད། དོན་དངོས་སུ་ཁ་གྲངས་དེ་ལས་མཐོ་བ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་ས་དཀྱིལ་མཚོ་ཁོངས་དབུས་ཤར་ས་ཁུལ་གྱི་ཆེད་མངག་ཕོ་ཉ་ཁི་ཧྲི་ཐེ་ཨར་གྱིས་ཚེས4ཉིན་རི་ནེ་ཝ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། ལོ་རེར་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་འབུམ་ཕྲག་འགའ་ཨ་ཧྥེ་རི་ཁ་གླིང་ནས་ལམ་དུ་ཆས་ཏེ་ཡོ་རོབ་གླིང་དུ་འགྲོ་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་ནང་ཁུལ་གྱི་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་བཞུར་རྒྱུན་ཧ་ཅང་ཆེ་བ་རེད། དེ་ལས་གཞན་ཨ་ཧྥེ་རི་ཁ་གླིང་བྱང་མར་འབྱོར་བའི་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་དག་ནི་ཨེ་ཤ་ཡཱ་དང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་ནས་ཡོང་བ་རེད་ཟེར།

ཁི་ཧྲི་ཐེ་ཨར་གྱིས་བཤད་རྒྱུར། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་འགུལ་སྐྱོད་ལམ་བར་དུ་སྲུང་སྐྱོབ་ཞབས་ཞུ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མེད་པ་དང་། ཁོ་ཚོའི་ཚེ་སྲོག་བདེ་འཇགས་དང་འགྲོ་མིའི་ཐོབ་ཐང་ལ་འཇིགས་ཉེན་ཚབས་ཆེན་ཐེབས་བཞིན་ཡོད་ཟེར། ཉིན་དེར་སྤེལ་བའི་སྙན་ཞུ་དེའི་དམིགས་ཡུལ་ནི་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ལ་གཏན་འབེབས་བྱས་པའི་སྲུང་སྐྱོབ་ཞབས་ཞུའི་བརྡ་འཕྲིན་འདོན་སྤྲོད་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་མཁན་ལ་སྔར་ལས་ལྷག་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་རམ་འདེགས་བྱེད་ཆེད་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་སྙན་ཞུ་དེ་ཨར་ཅི་རི་ཡཱ་དང་པུའུ་ཁི་ནཱ་ཧྥ་སོ། ཨེ་ཙེ་ཨོ་ཕི་ཡཱ། ལེ་པུས་ཡཱ། མཱ་ལི། མའོ་ལོ་ཀི། སོ་མཱ་ལི། སུའུ་ཏན་སོགས་རྒྱལ་ཁབ་བཅོ་ལྔར་ཁེབས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号