པའེ་ཏེང་གིས་ཡུག་རེན་ལ་ཨ་རིའི་མཚོན་ཆ་སྤྱོད་དབང་སྤྲད་འདུག་ཅེས་བཤད།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་30ཉིན། ཨ་རིའི་དཔོན་རིགས་མང་པོ་ཞིག་གིས་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་གསང་བའི་སྒོ་ནས་ཡུག་རེན་ཕྱོགས་ལ་ཨ་རིའི་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་ནང་གི་དམིགས་འབེན་ལ་རྡུང་རྡེག་གཏོང་རྒྱུའི་དབང་ཆ་སྤྲད་འདུག་ཅེས་བརྗོད་པ་རེད། 

ཨ་རིའི་དཔོན་རིགས་ཀྱིས། ཐེངས་འདིར་དབང་ཆ་སྤྲད་པ་དེས་ཡུག་རེན་གྱིས་ཨ་རིས་འདོན་སྤྲོད་བྱས་པའི་མཚོན་ཆ་སྤྱད་ནས་ཧར་ཁོ་ཧྥུའུ་ལ་འཇབ་རྒོལ་བྱས་པའི་ཨུ་རུ་སུའི་མངའ་ཁོངས་ཀྱི་དམིགས་འབེན་ལ་རྡུང་རྡེག་གཏོང་བར་ཆོག་མཆན་སྤྲད་ཡོད་ཅེས་བརྗོད་འདུག དེ་སྔོན་ཨ་རིའི་ཕྱོགས་ཀྱིས་ཡུག་རེན་གྱིས་ཨ་རིའི་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་ཀྱི་དམིགས་འབེན་ལ་རྡུང་རྡེག་གཏོང་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་མྱོང་།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་29ཉིན་ཤེས་རྟོགས་བྱུང་བ་ལྟར་ན། ཡུག་རེན་གྱི་རྒྱལ་སྲུང་པུའུ་ཀྲང་གི་བློ་འདྲི་ས་ཡིའུ་ལི•ས་ཁེ་ཡིས། དབྱིན་ཇིའི་ཆོག་མཆན་ཐོབ་པ་བརྒྱུད་ཡུག་རེན་གྱིས་འཚུབ་མའི་གྲིབ་གཟུགས་ཞེས་པའི་འཕུར་མདེལ་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་ཀྱི་དམག་དོན་དམིགས་འབེན་ལ་ཕར་རྒོལ་བྱས་ཡོད་ཅེས་བརྗོད་པ་རེད།

མིག་སྔའི་བར་ཡུག་རེན་ལ་ཧྥ་རན་སེ་དང་། ལི་ཐུ་ཝན། ལ་ཐེ་ཝེ་ཡ། སུའེ་ཏེན། ཨེ་སོ་ནི་ཡ། ཕོ་ལན། ཧྥིན་ལན། ཅེ་ཁེ། དབྱིན་ཇི། ཧོ་ལན་བཅས་ཀྱིས་རོགས་སྐྱོར་བྱས་པའི་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་དམིགས་འབེན་ལ་ཕར་རྒོལ་བྱས་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་རེད། དེ་མིན་ཁ་ན་ཏ་ཡིས་ཀྱང་ཡུག་རེན་གྱིས་ཁ་ན་ཏས་རོགས་སྐྱོར་བྱས་པའི་མཚོན་ཆ་སྤྱད་ནས་ཨུ་རུ་སུའི་དམིགས་འབེན་ལ་རྡུང་རྡེག་གཏོང་བར་ཚོད་འཛིན་མི་བྱ་རྒྱུའི་བརྡ་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号