དབྱི་སི་རལ་གྱི་ཙུང་ལི་ཡིས་བཙན་གྱིས་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་པའི་གྲོས་མཐུན་ལ་འཐད་པ་འབྱུང་མི་སྲིད་པའི་ཚུལ་བསྟན།

ཟླ་ལྔ་བའི་ཚེས་གཅིག་ཉིན། ཡེ་ལུའུ་སཱ་ལེམ་ནས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཟླ་ལྔ་བའི་ཚེས་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཡེ་ལུའུ་སཱ་ལེམ་ལ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱིས་བཙན་གྱིས་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་པའི་གྲོས་མཐུན་ལ་འཐད་པ་འབྱུང་མི་སྲིད་ཟེར།

པུའུ་ལིན་ཁུན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་གཞི་རྒྱ་ཆེ་བའི་ས་ངོས་ཀྱི་དཔུང་འཇུག་བྱེད་པར་རྒྱབ་སྐྱོར་བྱེད་མི་སྲིད་ཟེར། པུའུ་ལིན་ཁུན་གྱིས་བཤད་རྒྱུར། གལ་ཏེ་ས་དེའི་མང་ཚོགས་ལ་སྲུང་སྐྱོབ་བྱེད་པའི་འཆར་གཞི་མེད་ན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་ལཱ་ཧྥ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་པུའུ་ལིན་ཁུན་ལ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ཡི་དམག་དོན་འགུལ་སྐྱོད་ལ་སྔོན་འགྲོའི་ཆ་རྐྱེན་མེད་ཟེར།

པུའུ་ལིན་ཁུན་གྱིས་ཉིན་དེར་དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་དང་གྲོས་མོལ་བྱས་ནས། དབྱི་སི་རལ་དང་ཧཱ་མཱ་སིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་མ་བཏང་། ཁོས་བཤད་རྒྱུར། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་མ་ཐུབ་པར་འགན་ཁུར་དགོས་ཟེར།

ན་ནིང་ཟླ་བཅུ་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་བྱང་ནས་ལྷོ་ཕྱོགས་བར་ས་ངོས་དཔུང་འཇུག་བྱས་པ་དང་། འཐབ་འཁྲུག་དེ་མིག་སྔར་ལཱ་ཧྥ་གྲོང་ཁྱེར་བར་རྒྱ་ཡན་དུ་སོང་ཡོད། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ནས་ས་ངོས་འགུལ་སྐྱོད་སྤེལ་བར་ཆོག་མཆན་བཀོད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཉེ་སྔོན་ལཱ་ཧྥ་རུ་བར་སྣང་འཇབ་རྒོལ་བྱེད་པར་ཤུགས་སྣོན་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དབྱི་སི་རལ་གྱིས་ལཱ་ཧྥ་ལ་དཔུང་འཇུག་བྱེད་པར་ངོ་རྒོལ་བྱེད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་འབྱུང་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号