གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཞི་པ་འཚོགས་མགོ་བརྩམས་པ།

པར་འདི་ནི་ཟླ5པའི་ཚེས27ཉིན་ཨན་ཐི་ཀྭ་ཧི་པ་པུའུ་ཏའི་རྒྱལ་ས་ཧྲེང་ཡུའེ་ཧན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཞི་པ་འཚོགས་མགོ་ཚུགས་པའི་མཛད་སྒོ་སྟེང་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད། 

ཟླ5པའི་ཚེས27ཉིན། གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཞི་པ་ཨན་ཐི་ཀྭ་ཧི་པ་པུའུ་ཏའི་རྒྱལ་ས་ཧྲེང་ཡུའེ་ཧན་དུ་འཚོགས་མགོ་ཚུགས་ཤིང་། ཚོགས་ཞུགས་ལས་རིགས་ཁག་གི་འཐུས་མིས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན་ལ་གྲོས་བསྡུར་བྱས།

ཐེངས་འདིའི་ཚོགས་འདུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་འཚོགས་ཡུན་ཉིན4ཡིན་ལ། བརྗོད་དོན་གཙོ་བོ་ནི“མཉེན་གཤིས་ལྡན་པའི་དར་རྒྱས་མངོན་འགྱུར་ཐད་ཀྱི་ལམ་ཕྱོགས་འཆར་འགོད་བྱ་དགོས”ཞེས་པ་དེ་རེད། ཚོགས་འདུའི་སྟེང་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནུས་པར་དཔྱད་དཔོག་བྱས་ཤིང་། དེའི་ནང2030ལོའི་གྲོས་རིམ་དང་དེ་མིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ནུས་པ་སོགས་འདུས་ཡོད། ཚོགས་འདུའི་ཐོག་སྲིད་གཞུང་བར་གྲོས་ཐག་བཅད་པ་དང་གཙོ་གནད་མངོན་གསལ་ཡིན་པ། རྒྱང་ལྟའི་རང་བཞིན་ལྡན་པ། བྱ་སྤྱོད་ལ་དོ་སྣང་བྱེད་པ་བཅས་ཀྱི་ཆབ་སྲིད་གྲུབ་འབྲས་ཀྱི་ཡིག་ཆ་ཞིག་བཟོ་རྒྱུ་རེད། 

པར་འདི་ནི་ཟླ5པའི་ཚེས27ཉིན་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཞི་པ་ཨན་ཐི་ཀྭ་ཧི་པ་པུའུ་ཏའི་རྒྱལ་ས་ཧྲེང་ཡུའེ་ཧན་དུ་འཚོགས་བཞིན་པའི་རྣམ་པ་རེད། 

མིག་སྔར། གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་གནམ་གཤིས་འགྱུར་ལྡོག་དང་བུ་ལོན་ཛ་དྲག་ཏུ་འགྲོ་བ། བདེ་འཇགས་གནད་དོན་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་ཚོགས་འདུ་མགོ་ཚུགས་པའི་ཤིས་ཚིག་ནང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་གོང་གསལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་ནུས་ཤིང་འགན་འཁྲི་འཁུར་ཆེ་ཤོས་དང་ནུས་པ་ཆེ་ཤོས་ལྡན་པའི་རྒྱལ་ཁབ་དེ་དག་ལ་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་ཡོད་ཅེས་གསུངས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ39ཡོད། གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་ལོ10རེར་ཐེངས་རེ་འཚོགས་བཞིན་ཡོད་ལ། ཐེངས་སྔོན་མ་གསུམ་ནི1994ལོ་དང་2005ལོ། 2014ལོ་བཅས་སོ་སོ་པ་པ་ཏུའོ་སི་དང་མོ་རི་ཐིའུ་སི། ས་མོ་ཡ་བཅས་སུ་འཚོགས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号