ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་རེད།


ཟླ5པའི་ཚེས27ཉིན། ཕྱི་འབྲེལ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུའི་ཐད་ནས་རྒྱལ་ནང་ཕྱི་ནང་གི་གསར་འགོད་པའི་སྨྱན་སྦྱོར་ཚོགས་འདུ་བསྡུས་ཤིང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིང་ལི་ཡིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།

མཚམས་སྦྱོར་བྱས་པ་ལྟར་ན། པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཟླ5པའི་ཚེས30ཉིན་འཚོགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་རྒྱུ་རེད། གྲོས་ཚོགས་ཀྱིས་གཙོ་བོར་མགོ་ཁྲིད་པའི་ཐུན་མོང་འདུ་ཤེས་དངོས་འབེབས་དང་། ཀྲུང་གོ་དང་ཨ་རབ་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མྱུར་དུ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་གྲོས་སྡུར་གཏིང་ཟབ་བྱས་ཏེ།  བྱེ་བྲག་གི་བྱེད་ཐབས་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད། གྲོས་ཚོགས་ལས་གྲུབ་འབྲས་ཡིག་ཆ་མང་པོ་བརྒྱུད་དེ།  ཀྲུང་གོ་དང་ཨ་རབ་བར་གྱི་ཐུན་མོང་འདུ་ཤེས་སྔར་ལས་གཅིག་སྡུད་བྱེད་པ་དང་། རིམ་པ་རྗེས་མའི་མཉམ་ལས་ལ་འཆར་འགོད་བྱེད་པ། ཕ་ལེ་སི་ཐན་གནད་དོན་ཐད་ནས་ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མོང་གི་རེ་འདུན་གླེང་བ་སོགས་ཀྱི་འཆར་གཞི་འགོད་རྒྱུ་རེད།

ཟླ5པའི་ཚེས29ཉིན་ནས་ཚེས31ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུང་གོར་འཚམས་འདྲི་དང་གྲོས་ཚོགས་ཀྱི་མཛད་སྒོར་ཞུགས་དུ་ཡོང་བའི་པ་ལིན་གྱི་རྒྱལ་པོ་ཧ་མཱ་ཏི་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུའུ་ཉི་སིའི་ཙུང་ཐུང་སའེ་དབྱི་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་བཅས་ལ་རྒྱལ་དོན་བྱ་འགུལ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱ་རྒྱུ་རེད།

ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ཉི་ཤུ་འགོར་བའི་རིང་། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བས་ཁོངས་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་གཉིས་ལ་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་། ཐེངས་བཞི་ལ་ཨ་རབ་རྒྱལ་ཁབ་བར་གལ་ཆེ་བའི་སྲིད་ཇུས་བསྒྲགས་གཏམ་སྤེལ་ཞིང་། ཀྲུང་གོ་དང་ཨ་རབ་ཀྱི་སྣེ་ཁྲིད་ནས་འཐབ་ཇུས་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྲུབ་འབྲས་ཀྱིས་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་པ་བསྐྲུན་ཡོད། 2022ལོར་བསྡུས་པའི་ཀྲུང་གོ་དང་ཨ་རབ་ཀྱི་རྩེ་ཚོགས་ཐོག་མའི་སྟེང་། ཀྲུང་གོ་དང་ཨ་རབ་ཀྱི་མགོ་ཁྲིད་པ་དུས་རབས་གསར་བར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་པ་དང་།  ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་གཏིང་ཟབ་དང་འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསྐྱོད་པར་གཅིག་གྱུར་འཐད་པ་བྱུང་ཞིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གང་མང་བླངས་ཡོད།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚང་མ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་གལ་ཆེན་ཡིན་ལ། ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས། མི་རིགས་དར་རྒྱས་མངོན་འགྱུར་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཐུན་མོང་གི་ལོ་རྒྱུས་འགན་འཁྲི་ཕྲག་ཏུ་ཁུར་ཡོད། ཀྲུང་གོས་མུ་མཐུད་དུ་ཨ་རབ་རྒྱལ་ཁབ་བར་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དམིགས་འབེན་དུ་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་བརྩེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས།  ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་ཞིང་ཆེས་སེམས་ཁུར་བྱེད་པའི་གནད་དོན་སྟེང་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་སྒྲོམ་གཞིའི་འོག་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པའི་ཁྲོད་བྱས་རྗེས་མཉམ་བསྐྲུན་བྱེད་པ། ལག་རྡང་སྦྲེལ་ནས་རྒྱལ་སྤྱིའི་སྒྲིག་རིམ་སྔར་ལས་འདྲ་མཉམ་ལུགས་མཐུན་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མཐའ་འཁྱོལ་བཏང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་རང་སྟོབས་རང་སྤེལ་གྱི་གཅིག་བསྡུས་མཉམ་ལས་ཀྱི་དཔེ་གཞི་བསྐྲུན་རྒྱུ་ཡིན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号