ཁོང་ནི་འཛམ་གླིང་ཐོག་སྐྱེས་པ་ཚེ་རིང་ཤོས་དེ་རེད།

ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ4ཚེས5ཉིན་ད་ལོ་རང་ལོ111ལ་སླེབས་པའི་དབྱིན་ཇིའི་བགྲེས་སོང་ཡུའེ་ཧན·ཨེར་ཕུའུ་ལའེ་ཏེ·ཐིང་ཉི་སི་ཝུའུ་ཏེ་ནི་འཛམ་གླིང་ཐོག་ཚེ་རིང་ཤོས་ཀྱི་སྐྱེས་པ་ཞིག་ཡིན་པ་གཏན་འཁེལ་བྱས་པ་རེད།

ཚེས6ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཐིང་ཉི་སི་ཝུའུ་ཏེ1912ལོའི་ཟླ8པའི་ཚེས26ཉིན་དབྱིན་ཀེ་ལན་ནུབ་བྱང་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ལི་ཝུའུ་ཕུའུ་རུ་སྐྱེས་ཤིང་། འཛམ་གླིང་དམག་ཆེན་གཉིས་བརྒྱུད་མྱོང་བ་དང་། ཅི་ཉི་སིའི་འཛམ་གླིང་ཟིན་ཐོར“འཛམ་གླིང་ཐོག་ལོ་ན་བགྲེས་ཤོས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དམག་ཞབས་ཐིམས་པའི་སྐྱེས་པ་དམག་མི”ཞིག་ཀྱང་ཡིན་པ་ར་སྤྲོད་ཡོད། ཁོང་ད་ལྟ་མཚོ་འགྲམ་གྱི་གྲོང་བརྡལ་ཧྲོ་སི་པོ་ཐི་ཡི་རྒན་གསོ་ཁང་ཞིག་ཏུ་བསྡད་ཡོད།

རྒན་གསོ་ཁང་གི་ཅིང་ལི་ཁའེ་ཏི·ཧོ་ཧྭ་ཏེ་ཡིས། ཐིང་ཉི་སི་ཝུའུ་ཏེ་ནི“གཏམ་རྒྱུད་ཧ་ཅང་མང་པོ་ཡོད་པའི་ངོ་མཚར་ཆེ་བའི་མི་ཞིག་རེད”ཟེར། ཁོང་ནི་ཚགས་པར་གཟིགས་རྒྱུ་དང་རླུང་འཕྲིན་ཉན་རྒྱུར་དགའ་པོ་འདུག ཁོང་རྐང་རྩེད་སྤོ་ལོར་ཡང་དགའ་པོ་འདུག་པས། ཕ་ཡུལ་ལི་ཝུའུ་ཕུའུ་ཡི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་པོ་བྱེད་མཁན་ཞིག་ཡིན་ལ། སྤོ་ལོའི་རུ་ཁག་དེར་ཨང་དང་པོ་ཐོབ་ཐེངས་རེའི་དཔང་པོའང་རེད།

ཐིང་ཉི་སི་ཝོ་ཏེས་རྒྱུན་པར་ཐ་མག་འཐེན་གྱི་མེད་ལ། ཆང་རག་འཐུང་རྒྱུའང་ཉུང་ཉུང་རེད། གཟའ་པ་སངས་ལ་ཞོག་ཁོག་སྲེག་མ་ཟ་བཞིན་འདུག ཁོང་གིས་རང་ཉིད་ཚེ་རིང་བའི་མན་ངག་ནི“རླུང་རྟ་རྒྱུགས་པ་ཡིན་པར”འདོད། བགྲེས་སོང་ཁོང་གིས་མི་རྣམས་ལ་བྱ་བ་སྒྲུབ་དུས་འཚམ་པོར་བྱེད་དགོས་པའི་གྲོས་འགོ་བཏོན་ཞིང་། “ཁྱོད་ཀྱིས་འཐུང་རྒྱུ་མང་དྲགས་པའམ་ཡང་ན་ཟ་རྒྱུ་མང་དྲགས་པ་དང་། འགྲོ་རྒྱུ་མང་དྲགས་པ་སོགས་གང་ཡིན་རུང་མཐའ་མར་དཀའ་སྡུག་མང་པོ་མྱོང་དགོས་པ་རེད”ཟེར། 

དེའི་སྔོན་ལ་གོ་ལ་ཧྲིལ་པོར་མི་ཚེ་རིང་ཤོས་ཀྱི་སྐྱེས་པ་ནི་ཧུའུ་ཨན་·པི་སེན་ཐེ་·ཕེ་ལུའེ་སི·མོ་ལཱ་རེད། ཁོང་ཟླ་འདིའི་ཚེས2ཉིན་གྲོངས་པ་དང་། ཁོང་ལོ115རུ་སླེབས་པའི་འཁྲུངས་སྐར་ཟིན་པར་ད་དུང་ཟླ་བ་གཅིག་ལྷག་ཙམ་ཡོད།

ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་གཞིགས་ན། ད་སྐབས་འཚོ་བཞུགས་པ་བུད་མེད་ཚེ་རིང་ཤོས་ནི་སི་ཕེན་པ་མ་ལི་ཡ·པུའུ་ལན་ཡ་སི་·མོ་ལེ་ལཱ་ཡིན་པ་དང་། 1907ལོའི་ཟླ3པར་སྐྱེས་པ་དང་། ད་ལོ་རང་ལོ117ལ་སླེབས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号