ཞི་ཅིན་ཕིང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལ་མཇལ་འཕྲད་གནང་།



ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་ནས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁིར་མཇལ་འཕྲད་གནང་།

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་ནས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁིར་མཇལ་འཕྲད་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཏའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་ནས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁིར་མཇལ་འཕྲད་གནང་།


ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ། སྐུ་ཞབས་ཙུང་ཐུང་གིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད། ལོ་གཅིག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་སོང་བ་དང་། རྒྱལ་སྤྱིའི་རོགས་ལས་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བར་ལྟ་སྟངས་ཡང་དག་བཟུང་ཡོད་ལ། ཨུ་རུ་སི་དཀར་པོ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ཕྱོགས་དང་མཉམ་དུ་བསྟུད་མར་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།


ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བཅུའི་ཡར་སྔོན་བདག་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ་བཏོན་པ་དང་། ད་ལྟ་རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་མཉམ་ལས་ལ་ཞུགས་ཡོད། ཅང་མ་འགོར་བའི་སྔོན་བདག་གིས་ཀྲུང་གོས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་འགུལ་སྐྱོད་སྣ་བརྒྱད་བཏོན་ནས། ཨུ་རུ་སི་དཀར་པོའི་ཕྱོགས་མུ་མཐུད་དུ་དེར་ཞུགས་ནས་དེ་ལས་ངེས་པ་དོན་གྱི་འཕེལ་རྒྱས་གོ་སྐབས་ཐོབ་ཏུ་འཇུག་པར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་ར་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ་དཔལ་འབྱོར་ཉོ་ཚོང་དང་མི་སྣའི་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས། དུས་བཅད་ལྟར་རིག་གནས་ཉིན་མོའི་བྱ་འགུལ་སྤེལ་རེས་བྱས་ཤིང་། སློབ་གསོ་དང་འཕྲོད་བསྟེན། ལུས་རྩལ། གནས་སྐོར་བཅས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ན་གཞོན་དག་གིས་བརྗེ་རེས་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་བྱས་ནས་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་ཕྱོགས་གཉིས་ནི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་བསྒྱུར་དང་འཛུགས་སྐྲུན་ལ་ཞུགས་པའི་སྟོབས་ཤུགས་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་ཡར་སྐུལ་བྱེད་འདོད་ཡོད་ཅེས་གསུངས།


ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞིས་བདེ་སྐྱིད་ངང་འཚོ་བ་རོལ་བཞིན་ཡོད་ལ། འཛམ་གླིང་ཡོངས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བཟང་བོ་ལས་ཕྱོགས་སོ་སོར་ཁེ་ཕན་ཐོབ་ཡོད་པས། དེར་སློབ་སྦྱོང་དང་དཔེར་ལེན་བྱེད་པའི་རིན་ཐང་ལྡན། ཨུ་རུ་སི་དཀར་པོས་ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་སྟོབས་ལྡན་དུ་འགྱུར་བར་སྙིང་ཐག་པ་ནས་རེ་བ་བྱེད་བཞིན་ཡོད་ལ། དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་གོང་འཕེལ་བྱ་གཞག་ཐད་ཕན་ཐོགས་ཡོད། ཨུ་རུ་སི་དཀར་པོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱི་དང་ཕྱོགས་མང་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཨུ་རུ་སི་དཀར་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་ཀྱི་འཛམ་གླིང་ཡོངས་ཀྱི་གྲོས་འདོན་མང་བོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་འདུས་ཡོད་པའི་མཉམ་ལས་ཀྱི་རླབས་ཆེན་ལས་དོན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱས་ཡོད་པར་མ་ཟད། མུ་མཐུད་དུ་ཧུར་ཐག་སྒོས་དེའི་ནང་ཞུགས་རྒྱུ་ཡིན་ཟེར།


རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།


ཚེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号