ཏིན་ཞུའེ་ཞང་གིས་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་གནང་ནས་ཀྲུང་ཐུའུ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པར་མགོ་འཛིན་གནང་།


ཟླ11པའི་ཚེས28ནས་ཚེས29ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཐུའུ་ཁུའུ་མན་སི་ཐན་དུ་འཚམས་འདྲི་གནང་། འདི་ནི་ཏིན་ཞུའེ་ཞང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ལ་ཐུག་འཕྲད་གནང་བའི་ཚུལ་རེད།






ཟླ11པའི་ཚེས28ནས་ཚེས29ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཐུའུ་ཁུའུ་མན་སི་ཐན་དུ་འཚམས་འདྲི་གནང་ནས། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ལ་ཐུག་འཕྲད་གནང་བ་དང་། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་མེ་ལེ་ཏའོ་ཧྥུའུ་དང་ལྷན་དུ་གྲོས་མོལ་གནང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པར་མགོ་འཛིན་གནང་།

ཏིན་ཞུའེ་ཞང་གིས་གསུངས་རྒྱུར། ད་ལོར་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་འབྲེལ་བར“མཆོང་སྐྱོད་ཆེན་པོ”བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དངོས་སུ་རིམ་སྤོར་བྱས་ཏེ། ཕྱོགས་གཉིས་ཀའི་ངོས་ནས་ལས་དབང་གཅིག་མཐུན་ཚོགས་པ་ལག་བསྟར་བྱས་པ་ཁྱབ་བསྒྲགས་གནང་། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་གསར་པ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་འདོད་ཡོད། ཀྲུང་གོ་ནི་ཐུའུ་ཁུའུ་མན་སི་ཐན་གྱི་བློ་གཏད་ཆོག་པའི་གྲོགས་པོ་བཟང་བོ་ཡིན་པས། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱས་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཟེར།

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུང་ཐུའུ་མཉམ་ལས་ལ་ཕན་ཚུན་ཁ་གསབ་རང་བཞིན་ཆེན་པོ་ལྡན་པས་མདུན་ལྗོངས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ལེགས་ཆ་ཁ་གསབ་བྱས་ཏེ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་དང་། མུ་མཐུད་དུ་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཇུས་འགོད་བྱས་པའི་རླབས་ཆེའི་འཆར་གཞི་དེ་དོན་དངོས་ཀྱི་གྲུབ་འབྲས་སུ་བསྒྱུར་ནས། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་འདུས་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལམ་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད།

པེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ཡིས་ཏིན་ཞུའེ་ཞང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷད་མེད་འཚམ་འདྲི་བརྒྱུད་སྒྲོག་བྱེད་དུ་ཞུས་པ་དང་། ཐུའུ་ཀྲང་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་ལ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན། དམིགས་བསལ་རང་བཞིན་བཅས་ལྡན་པ་ཡིན། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་དང་པོའི་གྲུབ་འབྲས་དོན་འཁྱོལ་ནུས་ལྡན་བྱེད་བཞིན་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ལམ་སྲོལ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཚེས29ཉིན། ཏེན་ཞུའེ་ཞང་དང་མེ་ལེ་ཏའོ་ཧྥུའུ་ཡིས་མཉམ་དུ་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པར་མགོ་འཛིན་གནང་། ཚོགས་ཐོག་ནས་ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་གདེང་འཇོག་གང་ལེགས་བྱས་པ་དང་། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། རང་བྱུང་སོལ་རླངས། ཕན་ཚུན་འབྲེལ་མཐུད། མི་གཞུང་རིག་གནས་བརྗེ་རེས། བདེ་འཇགས་སོགས་ཀྱི་མཉམ་ལས་གྲོས་གཞིར་དམ་པོར་དམིགས་ཏེ། བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། དུས་རིམ་རྗེས་མའི་མཉམ་ལས་གཙོ་གནད་ལ་འཆར་འགོད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号