ཞི་ཅིན་ཕིང་གིས་ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལའོ་ཅིན་ལ་མཇལ་འཕྲད་གནང་།


ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལའོ་ཅིན་ལ་མཇལ་འཕྲད་གནང་།


ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལའོ་ཅིན་ལ་མཇལ་འཕྲད་གནང་།


ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་དབང་གིས། རྒྱལ་ཁབ་གཉིས་བར་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན། ད་ལོ་ངས་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས་ནས་ཕན་ཚུན་བར་དགོངས་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། ཀྲུངགོད་ང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་དམ་ཟབ་གཏོང་རྒྱུའི་ཐད་ནས་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་བྱུང་ཡོད། སང་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་བཅས་ཀྱི་ཕྱོགས་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་དམ་ཟབ་ཅན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དང་དར་རྒྱས་ཀྱི་ཆེད་དུ་སྒུལ་ཤུགས་གསར་པ་བསྣན་ནས། འཛམ་གླིང་དར་རྒྱས་དང་བརྟན་ལྷིང་གི་ཆེད་དུ། སྔར་ལས་ལྷག་པའི་བརྟན་ལྷིང་རང་བཞིན་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ལ་ཤུགས་སྣོན་པ་དེས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་དུ་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་གྲོས་མིའི་མཛའ་མཐུན་ཚན་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀའི་མཉམ་ལས་ལ་སྔར་ལས་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱིས་འདེགས་སྐྱོར་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་ལ་འགན་ལེན་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་སྦྲེལ་མཐུད་མཉམ་ལས་དམ་པོར་སྤེལ་དགོས་ཞེས་ནན་གྱིས་གསུངས།

ཝོ་ལའོ་ཅིན་གྱིས་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞི་དང་ཏང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གང་ལེགས་བྱེད་པ། མི་དམངས་ཀྱི་མཛའ་བརྩེ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་བཅའ་ཁྲིམས་ཀྱིས་འགན་ལེན་ནུས་ལྡན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཝང་དབྱི་དང་ཕིན་ཆིན་ཧྭ་མཇལ་འཕྲད་ཁྲོད་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号