ཀྲའོ་ལི་ཅི་ཡིས་སཱ་མོ་ཡའི་གྲོས་ཚོགས་ཀྱི་གྲོས་དཔོན་ཕ་ཕ་ལིས་ལ་མཇལ་འཕྲད་གནང་།


ཟླ11པའི་ཚེས22ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། སཱ་མོ་ཡའི་གྲོས་ཚོགས་ཀྱི་གྲོས་དཔོན་ཕ་ཕ་ལིས་ལ་མཇལ་འཕྲད་གནང་།


ཟླ11པའི་ཚེས22ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། སཱ་མོ་ཡའི་གྲོས་ཚོགས་ཀྱི་གྲོས་དཔོན་ཕ་ཕ་ལིས་དང་མཇལ་འཕྲད་གནང་།


ཀྲའོ་ལི་ཅི་ཡིས་སཱ་མོ་ཡ་ནི་ཀྲུང་གོ་གསར་པའི་བར་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲས་ཡིན། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ48འཁོར་བའི་རིང་ལ། ཕྱོགས་གཉིས་ཀའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སཱ་མོ་ཡ་ཕྱོགས་དང་མཉམ་དུ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་ནུས་ལྡན་བྱས་ནས། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་བཏང་ནས། མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་བསམ་ཤེས་བྱེད་ཚད་སྔར་ལས་ཇེ་ཆེར་གཏོང་འདོད་ཡོད། སྐུ་ཞབས་གྲོས་དཔོན་གྱིས་ཀྲུང་གོ་རུ། ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭར་ཕེབས་པར་དགའ་བསུ་ཞུ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སཱ་མོ་ཡའི་གྲོས་ཚོགས་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་འདོན་སྤེལ་བྱས་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས།

ཕ་ཕ་ལིས་ཀྱིས་སཱ་མོ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད། སཱ་མོ་ཡར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཕན་པ་གང་མང་ཐོབ་ཡོད། སཱ་མོ་ཡ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号