ལིས་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་བརྙན་ལམ་རྩེ་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ཟླ11པའི་ཚེས22ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པེ་ཅིང་དུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་བརྙན་ལམ་རྩེ་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།


ཟླ11པའི་ཚེས22ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པེ་ཅིང་དུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་བརྙན་ལམ་རྩེ་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ལིས་ཆང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཞིན་ཏི་ལིས་རྩེ་ཚོགས་ཀྱི་བསྒྲགས་གཏམ་ནང་། མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་དང་མཉམ་དུ་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས་པའི་དུས་རབས་ཀྱི་འབོད་སྐུལ་བཏང་ཡོད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྔར་བཞིན་དཀའ་ཉོག་ཆེན་པོར་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་འཛམ་གླིང་དང་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཡིན་པས། རྒྱལ་ཁབ་ཆེན་པོར་ཡོད་འོས་པའི་འགན་འཁྲི་འཁུར་བ་དང་མིག་དཔེ་སྟོན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོའི་བར་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བཅངས་ནས། དུས་རབས་ཀྱི་འབོད་སྒྲར་ཨ་ལན་བཏབ་སྟེ། མིའི་རིགས་ཐུན་མོང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཆེད། མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ང་ཚོས་འཕེལ་རྒྱས་སྔོན་ལ་འཛིན་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་མཉམ་ལས་དེ་གནས་བབ་མངོན་གསལ་ཅན་གྱི་སྟེང་བཞག་ནས། འཛམ་གླིང་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་མཐུད། དོ་སྙོམས། ཁོང་ཡངས་བཅས་ཀྱི་སྒོ་ནས་འཕར་རྒྱུ་དང་། འཕེལ་རྒྱས་ཀྱི་གནད་དོན་དེ་ཆབ་སྲིད་ཅན་དང་བདེ་འཇགས་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་དགོས། དངོས་གཉེར་བྱེད་ཐབས་སྔར་ལས་མང་བོ་འདོན་པ་དང་། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཕྱོགས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཞིན་ཏི་ལིས་རྩེ་ཚོགས་སྟེང་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བཅས་བྱས་ནས། དངོས་ཕན་གྲུབ་འབྲས་གང་མང་ཐོབ་པར་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་དང་སྤྱི་ཁོག་སྲིད་ཇུས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་ཀྱིས་བཅོས་སྒྱུར་དངོས་ཀྱི་ཁྲོད་དུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་ལ་གཟིགས་སྐྱོང་སྔར་ལས་གང་ལེགས་བྱེད་དགོས་ཞེས་གསུངས།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་ཚོགས་འདུར་ཞུགས།

ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་རྒྱ་གར་གྱི་ཙུང་ལི་མོ་ཏིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号