ལིས་ཆང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་མཇལ་འཕྲད་གནང་།

ཟླ11པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་ལ་མཇལ་འཕྲད་གནང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ལ་མཇལ་འཕྲད་གནང་ནས་མཉམ་དུ། ཀྲུང་གོ་དང་ཝུ་ར་ཀུའེ་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་གནང་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཡི་ངོས་ནས་བཤད་ན་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་བརྩི་སྲུང་ནན་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་། དཔལ་འབྱོར་དངོས་ཕུང་མི་འདྲ་བའི་བར་ཕན་ཚུན་གསབ་རེས་བྱེད་པ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་དཔེ་མཚོན་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ཕྱོགས་ཡོངས་ཀྱི་མཉམ་ལས་དམ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན་ཞེས་གསུངས།

ལཱ་ཁ་ལེ་ཡིས་ཝུའུ་ར་ཀུའེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་བར་འབྲེལ་གཏུག་དམ་ཟབ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ། དཔལ་འབྱོར་ཚོང་དོན་དང་རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། ཝུ་ར་ཀུའེ་དང་ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་དང་ཀྲུང་གོའི་བར་གྱི་རང་མོས་ཚོང་དོན་རོགས་རེས་འབྲེལ་བ་གང་མགྱོགས་ཀྱིས་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་དམ་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号