ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ལའོ་ཕེ་སིར་ཐུག་འཕྲད་གནང་།


ས་གནས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་དུ། མོ་ཞི་ཁོའི་ཙུང་ཐུང་ལའོ་ཕེ་སི་ལ་ཐུག་འཕྲད་གནང་།


ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། མོ་ཞི་ཁོའི་ཙུང་ཐུང་ལའོ་ཕེ་སིར་ཐུག་འཕྲད་གནང་།



ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་ཡི་མཛའ་འབྲེལ་ཐད་ལོ་རྒྱུས་ཡུན་རིང་ལྡན། ན་ནིང་རྒྱལ་ཁབ་གཉིས་ཀས་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ད་ལོ་སླར་ཡང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས། མིག་སྔར་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འཐབ་ཇུས་རང་བཞིན་དང་གསབ་རེས་རང་བཞིན། ཕན་འདོགས་རང་བཞིན་བཅས་ཟམ་མི་ཆད་པར་མངོན་གསལ་ཅན་དུ་ཕྱིན་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཚད་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོ་ཞི་ཁོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། མོ་ཞི་ཁོའི་བར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་རང་བཙན་རང་བདག་སྒོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། མོ་ཞི་ཁོའི་བར་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་དང་མོ་ཞི་ཁོ་ཕྱོགས་གཉིས་ཀའི་ཚོང་དོན་དངུལ་འབོར་དེ་ཕྱི་འབྲེལ་འཛུགས་སྐབས་དང་བསྡུར་ན་ལྡབ་སྟོང་བདུན་ལས་བརྒལ་ཡོད་ཅིང་། ལྕགས་ལམ་དང་རླངས་འཁོར། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་ཐད་དགེ་མཚན་གང་མང་ལྡན། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་བར་གྱི་བྱ་བའི་ལམ་སྲོལ་ཡག་པོ་སྤྱོད་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དངུལ་རྩ་དང་གློག་སྒུལ་རླངས་འཁོར་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། དུག་འགོག་ཁྲིམས་འཛིན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཕྱོགས་གཉིས་ཀས་ཕན་ཚུན་བར་རིག་རྩལ་འཁྲབ་སྟོན་དང་རིག་གནས་འགྲེམ་སྟོན་སོགས་མི་ཆོས་རིག་གནས་བརྗེ་རེས་ཀྱི་བྱེད་སྒོར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་དང་། ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་པ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། སང་ལོ་ནི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་གླེང་སྟེགས་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ། དུས་རབས་གསར་པའི་ནང་གི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ལའོ་ཕེ་སི་ཡིས་མོ་ཞི་ཁོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་ཀྲུང་གོར་མཛའ་མཐུན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་དང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོའི་ཁེ་ལས་མོ་ཞི་ཁོ་རུ་དངུལ་གཏོང་མཉམ་ལས་བྱེད་དུ་ཡོང་བར་སྟབས་བདེ་བསྐྲུན་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དུག་རྫས་བཟོ་བ་དང་དུག་རྫས་ཉོ་ཚོང་མཉམ་ལས་ལ་རྡུང་རྡེག་གཏོང་བ་བཅས་བྱ་རྒྱུ་ཡིན།  མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕྱོགས་མང་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ནས། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号