རྒྱ་གར་དང་ཕ་ཁི་སི་ཐན་དབར་ཡང་འཐབ་འཛིང་བྱས་འདུག


ས་གནས་དེ་གའི་དུས་ཚོད་སྤྱི་ཚེས9ཉིན། རྒྱ་གར་གྱི་དཔོན་རིགས་ཀྱིས། རྒྱ་གར་དང་ཕ་ཁི་སི་ཐན་གྱིས་ཁེ་ཧྲི་སྨིའར་ས་ཁུལ་དུ་དམག་འཐབ་བྱས་ཤིང་། རྒྱ་གར་གྱི་མཐའ་སྲུང་དཔུང་སྡེའི་དམག་མི་ཞིག་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་རྒྱ་གར་གྱིས་ཁེ་ཧྲི་སྨིའར་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱི་སྐད་ཆ་ལུང་དུ་དྲངས་ནས་བཤད་དོན། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས8ཉིན་གྱི་དགོང་མོར་ཕ་ཁི་སི་ཐན་གྱི་དམག་མིས་ཁྲ་མོའི་ས་ཁུལ་དུ་ཡོད་པའི་རྒྱ་གར་མཐའ་མཚམས་སོ་ལྟ་ཁང་ལ་དོན་མེད་དུ་ཚུར་རྒོལ་བྱས་ཡོད་པ་རེད།

རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་གསལ་བསྒྲགས་སྤེལ་བའི་ནང་། དམག་མི་དེས་ཡ་ལན་འོས་འཚམ་ཞིག་བསློགས་ཡོད་ཅེས་དང་། རྒྱ་གར་ཕྱོགས་ཀྱི་མི་སྣ་ཞིག་རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་ཡོད།

གཞན་ཡང་ཐུར་ཁེའི་ཨན་ན་ཏོ་ལུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཕྱོགས་ཀྱིས“ཕྱི་འབྲེལ་གྱི་ཐབས་ལམ”བརྒྱུད་ནས་ཕ་ཁི་སི་ཐན་ལ་རྒོལ་གཏམ་བཏང་ཡོད་ལ། མིག་སྔར་ཕ་ཁི་སི་ཐན་ཕྱོགས་ཀྱིས་དོན་དེར་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

འདི་ནི་ཉེ་ལམ་ཕྱོགས་གཉིས་ཀྱི་གདོང་ཐུག་ཐེངས་གཉིས་པ་རེད།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ10པའི་ཚེས26ཉིན། ཕྱོགས་གཉིས་ཀྱིས་མཐའ་མཚམས་སུ་དམག་འཁྲུག་བརྒྱབ་པར་ཕན་ཚུན་སྐྱོན་འཛུགས་རེས་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཛ་དྲག་གི་དམག་འཁྲུག་བརྒྱབ་རྗེས་རྒྱ་གར་གྱི་མཐའ་མཚམས་བདེ་འཇགས་དཔུང་སྡེའི་མི་སྣ་ཞིག་འཇབ་རྒོལ་ཁྲོད་རྨས་སྐྱོན་ཕོག་པ་རེད།

སྤྱི་ལོ1947ལོར་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཁག་སོ་སོར་རང་བཙན་བྱས་རྗེས། རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་ཁེ་ཧྲི་སྨིའར་ས་ཁུལ་འཕྲོག་རྩོད་བྱེད་ཆེད་དམག་འཁྲུག་ཐེངས་མང་བསླངས། སྤྱི་ལོ2003ལོར་རྒྱལ་ཁབ་གཉིས་ཀའི་དམག་ཕྱོགས་ཀྱིས། ཁེ་ཧྲི་སྨིའར་རྒྱ་གར་དང་ཕ་ཁི་སི་ཐན་གྱི་དངོས་ཡོད་ཚོད་འཛིན་ཐིག་རྒྱུད་ནས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་པ་རེད།

སྤྱི་ལོ2021ལོར། ཕྱོགས་གཉིས་ཀྱིས་ཁེ་ཧྲི་སྨིར་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་བརྩི་སྲུང་ནན་མོ་བྱ་རྒྱུའི་མོས་མཐུན་བྱས་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀའི་དམག་དཔུང་གིས་ཁེ་ཧྲི་སྨིའར་གྱི་དངོས་ཡོད་ཚོད་འཛིན་ཐིག་གི་ཉེ་འགྲམ་དུ་ཡང་ཡང་འཐབ་འཛིང་བྱས་ཤིང་། ཕན་ཚུན་གྱིས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་གཏོར་བཤིག་བཏང་བར་ཕན་ཚུན་སྐྱོན་འཛུགས་རེས་བྱེད་ཀྱི་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号