ལི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་སི་ལ་ཐུག་འཕྲད་གནང་བ།

ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞིའི་འཚམ་འདྲི་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་སི་ལ་ཐུག་འཕྲད་གནང་། 

ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞིའི་འཚམ་འདྲི་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་སི་ལ་ཐུག་འཕྲད་གནང་། 

ལི་ཆང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུངལི་སྐུ་ཞབས་ཀྱིས་གྲུབ་འབྲས་ཕུན་སུམ་ཚོགས་པ་ལྡན་པའི་ཐུག་འཕྲད་གནང་བ་དང་། དུས་རབས་གསར་པའི་ཀྲུང་ཨོ་འབྲེལ་བ་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་སྣེ་ཁྲིད་མཛད་ཡོད། ཀྲུང་གོས་ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཤེས་རྟོགས་ཀྱི་དགོངས་དོན་ལ་གཞིགས་ཏེ། སྔར་ལས་ལྷག་པར་གླེང་མོལ་འབྲེལ་མཐུད་ལ་ཤུགས་སྣོན་དང་། ཆབ་སྲིད་ཡིད་རྟོན་གཏིང་ཟབ་དུ་བཏང་ནས། ལུགས་མཐུན་སྒོས་འགལ་བ་ཐག་གཅོད་ཀྱིས་མཉམ་ལས་རྒྱུན་མཐུད་དེ་ཀྲུང་ཨོ་འབྲེལ་བའི་གཙོ་རྒྱུན་འགྱུར་བར་བྱེད་པ་དང་། མཉམ་རྒྱལ་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་སོ་སོའི་ནང་མངོན་པར་བྱས་ཏེ། ཀྲུང་ཨའོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡུན་རིང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་ཨོ་མཉམ་ལས་ཀྱི་སྦས་ཤུགས་ཆེ་བ་དང་། ཀྲུང་གོས་ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ། དཔལ་འབྱོར་ཀྱི་ཆོས་ཉིད་བརྩི་སྲུང་དང་ཚོང་རའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ནུས་གཏེར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་དང་གྲངས་ཀའི་དཔལ་འབྱོར། ཚན་རྩལ་གསར་སྐྲུན། བདེ་ཐང་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་དེ། དཔལ་འབྱོར་ཉོ་ཚོང་གནད་དོན་ལ་ཆབ་སྲིད་ཅན་དང་བདེ་འཇགས་ཅན་ཁྱབ་པར་གཡོལ་ནས། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་དང་ས་ཁུལ་དར་རྒྱས་ལ་སྐུལ་སྤེལ་གཏོང་དགོས། ཀྲུང་གོས་ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ་སློབ་གསོ་དང་རིག་གནས་ཡུལ་སྐོར། ས་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་སྟབས་བདེར་བཏང་སྟེ་ཀྲུང་ཨོ་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་སུ་སྔར་བས་ཟུག་པར་སྐུལ་འདེད་གཏོང་འདོད་ཡོད།

ཨ་ཨར་པ་ཉི་སི་ཡིས་བསྟན་དོན། ཙུང་ལི་ཧུའེ་ཐི་ལ་མུའུ་ཡིས་ཀྲུང་གོར་འཚམ་འདྲིར་ཕེབས་ནས་ལོ་ངོ50རིང་། ཨོ་ཀྲུང་འབྲེལ་བར་འཕེལ་རྒྱས་ཆེན་པོ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད། ཀྲུང་གོ་ནི་ཨོ་སི་ཁྲུ་ལི་ཡའི་མཉམ་ལས་རོགས་ཟླ་གཙོ་བོ་ཞིག་ཡིན། ཨོ་ཀྲུང་འབྲེལ་བ་ནི་འགལ་བར་བརྟེན་ནས་མཚན་ཉིད་འཇོག་མི་རུང་། ཨོ་སི་ཁྲུ་ལི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཕན་ཚུན་རྒྱུས་ལོན་གཏིང་ཟབ་དུ་བཏང་སྟེ། ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། འབྲེལ་མཐུད་གླེང་མོལ་བརྒྱུད་དེ་ལུགས་མཐུན་ངང་འགལ་བར་འགོག་སྡོམ་བྱེད་པ་དང་། ཐུན་མོང་ཐོག་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། རྒྱལ་མཚམས་བརྒལ་བའི་རྩ་འཛུགས་ནག་ཉེས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པ་དང་། ཨོ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་དགེ་མཚན་ལྡན་པ་དང་གཏན་འཇགས། འཛུགས་སྐྲུན་རང་བཞིན་གྱི་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

བཞུགས་མོལ་སྔོན་དུ། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨ་ཨར་པ་ཉི་སི་ལ་དགའ་བསུའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་བྱ་འགུལ་ལ་ཞུགས།

ཨ་ཨར་པ་ཉི་སི་ཡིས་ཀྲུང་གོར་འཚམ་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིཀྲུང་ཨོ་ཙུང་ལིའི་ལོ་འཁོར་ཐུག་འཕྲད་ཀྱི་མཉམ་འབྲེལ་གྲུབ་འབྲས་གསལ་བསྒྲགས》སྤེལ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号