ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་ནས་ཟླ11པའི་ཚེས2ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཚན་ཆུང་ཁྲིད་དེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། ཀྲུང་དབྱང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ལ་ཕེབས་ཤིང་། ལས་དོན་སྐོར་ནས་བརྗེ་རེས་དང་སྦྲེལ་མཐུད་མཛད་ནས། མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུན་ཅིན་ལུང་དང་། པུའུ་ཀྲང་ཧོང་རུན་ཆིའུ། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ལིས་ཡུན་ཙེ། ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཅང་དབྱི། སྤྱི་གཉེར་པ་ཡེ་ཞང་ཏུང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ལིའུ་གོ་ཡུའེ་དང་སྤྱི་གཉེར་པ་ཡུས་པེན། ཀོང་ཏ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཝུའུ་ལིས་ཅུན། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཡུང་དང་སློབ་གཙོ་ཝང་ཞི་ཆིན། པེ་ཅིན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅན་ཕིང་དང་སློབ་གཙོ་མཱ་ཅུན་སོགས་སོ་སོ་ནས་གྲོས་མོལ་ལ་ཞུགས།
ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་། ཀྲུང་དབྱང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་སྐྱོར་ཕངས་མེད་གནང་བར་བཀའ་དྲིན་ཞུས། ཁོང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་མཛད་ཀྱིན་ཡོད་པ་དང་། མཚོ་སྔོན་གྱི“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་གཏན་ཁེལ་གསལ་པོ་མཛད་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད། མིག་སྔར། མཚོ་སྔོན་ནི་ཧ་ཅང་གལ་ཆེ་བའི་གནད་འགག་གི་འཕེལ་རྒྱས་དུས་སྐབས་སུ་སླེབས་ཡོད་པས། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་སྔར་སྲོལ་འགྱུར་མེད་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་དོ་སྣང་བྱེད་པ་དང་། སྲིད་ཇུས་དང་ལག་རྩལ། འཇོན་མི། མ་དངུལ་བཅས་ཀྱི་ཕྱོགས་ནས་མཛུབ་སྟོན་དང་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་ནུས་ཁུངས་གཙང་མ། དངུལ་རྩའི་རྒྱབ་སྐྱོར། སློབ་གསོའི་རོགས་སྐྱོར་སོགས་ཕྱོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནམ་ཡང“རྒྱལ་དོན་ཆེ་ཕྱོགས”སེམས་ལ་འཛིན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཕྱོགས་སོ་སོའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ཞབས་ཞུའི་འགན་སྲུང་བྱ་བ་བཟང་པོར་སྒྲུབ་པ་དང་སྲིད་ཇུས་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། པུའུ་དང་ཞིང་ཆེན་དང་། ཀྲུང་དབྱང་དང་ས་གནས། སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་ཀྱི་ལེའུ་གསར་པ་བྲིས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས།
རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། རང་ཞིང་གི་རྒྱབ་སྐྱོར་མཉམ་ལས་བྱེད་དགོས་པའི་བྱ་བའི་ཐད་ནས་ཕྱིར་ལན་ལེགས་པོ་བཏབ། ཁོ་ཚོས་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་བ་དང་ཐོན་ཁུངས་ནུས་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་བག་ནུས་ཧ་ཅང་ཆེ་བ་བཅས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་སྐྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་འགྱུར་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་སོ་སོ་ནས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注