ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་ཐུན་མོང་གླེང་མོལ་མཛད་པ།
ཟླ10པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་ཐུན་མོང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ10པའི་ཚེས30ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་ཐུན་མོང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བར་མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ལ། བུད་མེད་ཀྱིས་དེའི་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད་པས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། རྒྱ་ཆེའི་བུད་མེད་ཀྱིས་རང་མཐོང་རང་རྟོན་དང་རང་སྟོབས་རང་སྤེལ་སྒོས་བཞུད་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཐུན་མོང་གླེང་མོལ་ལ་ཞུགས།
ཞི་ཅིན་ཕིང་གིས་ཐོག་མར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བུད་མེད་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་བཏང་བ་དང་། བུད་མེད་ཀྱི་འཕེལ་རྒྱས་ཁོར་ཡུག་བསྟུད་མར་ལེགས་སྒྱུར་བྱས་ནས། བུད་མེད་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། འདས་པའི་ལོ5ཡི་ནང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ཤིང་། ཟོལ་མེད་ཀྱིས་སྣེ་ཁྲིད་དང་ཞབས་ཞུ། འབྲེལ་གཏུག་བཅས་ཀྱི་འགན་འཁྲི་ལག་བསྟར་བྱས་པ་དང་། རྒྱ་ཆེའི་བུད་མེད་དག་རྩ་འཛུགས་སྐུལ་སློང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། དབུལ་ཐར་མཁྲེགས་གཏོར་དམ་འཛིན་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པ། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ་སོགས་གཡུལ་ས་གཙོ་བོ་ནས་དཔའ་སྤོབས་ཆེན་པོས་འབད་འཐབ་བྱས་པ་དང་། གསར་གཏོད་བྱས་ནས་ཁྱིམ་ཚང་གི་ཁྱིམ་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སེམས་ཞིབ་མོས་ཁེ་དབང་སྲུང་བ་དང་བྱམས་སེམས་འབུལ་བའི་ཞབས་ཞུ་བཟང་བོར་བསྒྲུབས་ལ། བསྟུད་མར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། འབྲེལ་ཟམ་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་ཀྲུང་དབྱང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱེད་བཞིན་ཡོད་ལ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཆུང་ལ་རེ་བ་ཆེན་པོ་བཅངས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་བུད་མེད་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཏང་དང་བསམ་སྦྱོར་གཅིག་མཐུན་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་བར་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ནས་རིག་པ་གསལ་ཞིང་བློ་སེམས་བརྟན་པར་བྱས་ཏེ། རང་རྒྱལ་གྱི་བུད་མེད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་ངེས་གནས་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། བུད་མེད་ཀྱི་བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བློ་སྒྲིལ་སེམས་བསྐྱེད་བྱས་ཏེ། རྒྱ་ཆེའི་བུད་མེད་དག་གིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པར་དམ་པོར་དམིགས་པ་དང་། བྱ་བའི་གནད་ས་ཡང་དག་པར་བཙལ་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་བྱེ་བྲག་གི་ལས་འགན་དུ་བསྒྱུར་དགོས། རྒྱ་ཆེའི་བུད་མེད་དག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དུ་རང་སྟེང་གི་ཁྱད་སྟོབས་དང་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཁྱིམ་ཚང་འགྲིག་མཐུན་དང་ཁྱིམ་སྲོལ་བཟང་ན་ད་གཟོད་བུ་དང་བུ་མོ་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་པ་དང་། ད་གཟོད་སྤྱི་ཚོགས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་ཐུབ། བུད་མེད་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དེ་བུད་མེད་རང་སྟེང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པར་མ་ཟད། ཁྱིམ་ཚང་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན། རྒྱལ་ཁབ་འཕེལ་རྒྱས། མི་རིགས་གོང་འཕེལ་བཅས་ལ་འབྲེལ་བ་ཡོད། ཁྱིམ་སྲོལ་བཟང་བོའི་གཏམ་རྒྱུད་བརྗོད་དེ་རྒྱ་ཆེའི་བུད་མེད་དག་གི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་མཛེས་སྤྱོད་དར་སྤེལ་དང་ཁྱིམ་སྲོལ་བཟང་བོ་འཛུགས་པའི་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ནས། ཁྱིམ་ཚང་དཔལ་ཡོན་ལྡན་པའི་དར་སྲོལ་གསར་བ་བསྐྲུན་དགོས། ཧུར་ཐག་སྒོས་རྣམ་པ་གསར་བའི་གཉེན་སྒྲིག་དང་བྱིས་པ་སྐྱེས་པའི་རིག་གནས་སྤེལ་བ་དང་། ན་གཞོན་གྱི་གཉེན་སྒྲིག་ལྟ་བ་དང་བྱིས་པ་སྐྱེས་པའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་ལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས་ལ། བྱིས་པ་སྐྱེས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། མི་གྲངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་དང་མི་གྲངས་རྒན་འགྱུར་ཁ་གཏད་གང་ལེགས་འཇལ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་དང་བྱིས་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རང་འགུལ་གྱིས་བྱ་བ་སྒྲུབ་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་གནད་དུ་འཛིན་དགོས། ཡོང་འབབ་དམའ་བའི་བུད་མེད་དང་ལོ་ན་རྒན་པའི་བུད་མེད། དབང་བོ་སྐྱོན་ཅན་གྱི་བུད་མེད་སོགས་དཀའ་ཁག་ཆེ་བའི་བུད་མེད་ལ་གཅེས་སྐྱོང་རོགས་རམ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་སྡོད་གནས་ངེས་གཏན་མེད་པའི་བྱིས་པ་དང་ཁྱིམ་སྡོད་བྱིས་པའི་གཅེས་སྐྱོང་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་དགོས་ལ། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་དུས་རྒྱུན་དུ་དམ་འཛིན་དང་གཞི་རིམ་དུ་དངོས་འབེབས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི་ཏང་དང་སྲིད་གཞུང་གིས་བུད་མེད་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ཟམ་པ་ལྟ་བུ་ཡིན་ཞིང་། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྲུང་འཛིན་དང་ཇེ་དྲག་ཏུ་བཏང་སྟེ། བསྟུད་མར་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཞན་ཆ་ཁ་གསབ་དང་མི་འདང་སར་ཤུགས་སྣོན་པ། རྨང་གཞི་འདིང་བ། གསོན་ཤུགས་རྒྱས་པར་བྱས་ཏེ་ཕྱོགས་ཡོངས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་གི་འཛུགས་སྐྲུན་སྣ་ཚོགས་ལ་ཤུགས་སྣོན་དགོས། གཞི་རིམ་དམ་འཛིན་བྱེད་པའི་ཁ་ཕྱོགས་གསལ་བོ་ཆགས་པར་བྱེད་པ་དང་གཏིང་ཟབ་ཏུ་རྟོག་དཔྱོད་ཞིབ་འཇུག་བྱས་ནས། གཞི་རིམ་བུད་མེད་ཀྱི་དྲན་ཕྱོགས་དང་རེ་བ། བུད་མེད་བྱ་བའི་དཀའ་ཁག་དང་དགོས་མཁོ་བཅས་ལ་རྒྱུས་ལོན་བྱས་ཐོག ཐོན་ཁུངས་དང་ཞབས་ཞུ་དག་སྔར་ལས་ལྷག་པར་གཞི་རིམ་ལ་ཁ་ཕྱོགས་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་བ་དང་སྤྱི་ཚོགས་རྩ་འཛུགས་གསར་བ། ལས་ཞུགས་ཚོགས་ཁག་གསར་བ་སོགས་ཁྱབ་ཁོངས་གསར་བར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཡོངས་ལ་ཁྱབ་པ་མངོན་འགྱུར་དང་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་དམ་འཛིན་བྱས་ནས་ཏང་གིས་སྲིད་འཛིན་པའི་བུད་མེད་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱུན་ཆད་མེད་པར་བུད་མེད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བ། བུད་མེད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུས་ཏང་གིས་བུད་མེད་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་བྱས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དུས་ལྟར་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་ཆ་རྐྱེན་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟོལ་མེད་ཀྱིས་འགན་ནུས་འདོན་སྤེལ་བྱེད་པ་དང་། རྩ་འཛུགས་མཐུན་སྦྱོར་དང་མཛུབ་སྟོན་སྐུལ་འདེད་ལ་ཤུགས་སྣོན་བྱས་ཏེ། ཏང་ཀྲུང་དབྱང་གི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་གང་ལེགས་བྱེད་དགོས་ཞེས་གསུངས།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་དབྱི་ཆིན་གྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་ཀྲུང་གོའི་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་སུམ་ཅུ་པའི་འབྲེལ་ཡོད་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་བསམ་གཞིགས་སྙན་ཞུ་བྱས།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་ཞའོ་ཝེ་དང་མིན་མན། ཝང་ཡཱ་ཕིང་བཅས་ཀྱིས་གཏམ་བཤད།
ཧྲི་ཐའེ་ཧྥུན་དང་ལི་ཀན་ཅེ། ལི་ཧྲུའུ་ལེ། ཁྲིན་ཝུན་ཆིན། ལིའུ་ཅིན་གོ་བཅས་གླེང་མོལ་ལ་ཞུགས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注