གློག་བརྙན《གཅིག་དང་བཞི》རྒྱལ་ཡོངས་སུ་སྐོར་སྐྱོད་གཟིགས་འབུལ་བྱེད་པའི་ཟི་ལིང་གི་གཟིགས་འབུལ་མཛད་སྒོ་བསྡུས་པ།


ཟླ10པའི་ཚེས28ཉིན། གློག་བརྙན《གཅིག་དང་བཞི》རྒྱལ་ཡོངས་སུ་སྐོར་སྐྱོད་གཟིགས་འབུལ་བྱེད་པའི་ཟི་ལིང་གི་གཟིགས་འབུལ་མཛད་སྒོ་བསྡུས། གློག་བརྙན་འདི་ནི་ན་གཞོན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱི་ཆེས་ཐོག་མའི་བརྩམས་ཆོས་ཡིན་ཞིང་། སྔོན་གྱི་བོད་བརྙན་མང་པོ་ཞིག་དང་བསྡུར་ན་སྒྲིག་སྦྱོར་གྱི་ཐད་ནས་འགྱུར་བ་ཏོག་ཙམ་བཏང་འདུག་ཅིང་། དེ་ཡིས་གློག་བརྙན་འདི་ལ་སྔར་མེད་ཀྱི་གསོན་ཤུགས་བསྩལ་ཡོད་པར་མ་ཟད། ཞིབ་ཅིང་ཕྲ་བའི་གཏམ་རྒྱུད་སྤྲོས་ལུགས་ལའང་རམ་འདེགས་ཀྱི་ནུས་པ་འབུར་དུ་ཐོན་འདུག  

དུས་ཚོད་གཅིག་དང་སྐར་མ་ཉི་ཤུ་ལྷག་གི་གཟིགས་འབུལ་མཇུག་རྫོགས་རྗེས། གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པར་མགོ་འཛིན་བྱས་ཤིང་། ཡུལ་དངོས་ཀྱི་ལྟ་མཁན་རྣམས་ཀྱིས་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་དང་འཁྲབ་སྟོན་པ། སྤྱི་ཁྱབ་ལྟ་སྐུལ་བ་བཅས་ལ་ཁ་བཏགས་ཕུལ་བ་དང་། དེར་མཐུད་ནས་ལྟ་མཁན་རེ་འགས་འཁྲབ་ཁྲིད་པར་གློག་བརྙན་གྱི་གཏམ་རྒྱུད་དང་འཁྲབ་སྟོན་གཉིས་ལས་ཆེས་ཁྱད་ཆོས་ལྡན་པ་ཞིག་ཡོད་པ་ནི་སྒྲ་ནུས་དང་རོལ་མོའི་ཉམས་འགྱུར་ཡིན་ཞིང་། འདི་ལྟ་བུའི་ཉམས་འགྱུར་གློག་བརྙན་མང་པོའི་ཁྲོད་མཐོང་དཀའ་བ་དང་། ཁོས་མི་སྒེར་གྱི་མཛེས་དཔྱོད་ལྟ་བ་དང་ཆེད་ལས་ཀྱི་བྱང་རྩལ། བློ་གྲོས་ཀྱི་ནུས་པ་རྩལ་དུ་སྤྲུགས་ཏེ་འདི་ལྟ་བུའི་གློག་བརྙན་ཞིག་གསར་གཏོད་བྱས་པ་དང་། དེའི་རྣམ་པ་དང་མི་སྣ་སྔོན་གྱི་གློག་བརྙན་དང་ཡེ་ནས་མི་འདྲ་ཞིང་། ན་གཞོན་གྱི་གློག་བརྙན་གསར་པ་ཞིག་བཞེངས་སྐྲུན་བྱས་ཡོད་པའི་སྐོར་ནས་བསམ་བློ་བརྗེ་རེས་བྱས།

མཇུག་མཐར།  གློག་བརྙན་འདི་ནི་ཀུན་གྱིས་བོད་བརྙན་ཁྲོད་ཀྱི་ཐོད་བརྒལ་བརྩམས་ཆོས་ཤིག་ཡིན་པར་ངོས་འཛིན་བྱས་པ་དང་། འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱིས་བརྙན་ལེན་ལུགས་དང་གླུ་དབྱངས་སོགས་ཀྱི་ཕྱོགས་ནས་ཚོད་ལྟ་གསར་པ་བྱས་ཡོད་པར་རང་ཉིད་ཀྱི་དགའ་ཕྱོགས་ཡིན་ཚུལ་བཤད་དེ་གཟིགས་འབུལ་མཛད་སྒོ་མཇུག་བསྡུས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号