ཉིན་ཤས་གོང་། སྐྱེ་ཁམས་ཁོར་ཡུག་པུས2023ལོའི་ཟླ8པའི་རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཟླ8པར་གཙོ་གནད་གྲོང་ཁྱེར168ཀྱི་མཁའ་རླུང་སྤུས་ཚད་ལས་མདུན་གྱི་གྲོང་ཁྱེར20དང་རྗེས་ཀྱི་གྲོང་ཁྱེར20ཡི་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་། གཙོ་གནད་གྲོང་ཁྱེར་ཁྲོད་ལྷ་ས་དང་ཀྲུའུ་ཧའེ། ཧའེ་ཁའུ་སོགས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བལྟོས་བཅས་ཀྱིས་ཡག་པ་ཡོད་པ་དང་། ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་དེ་རྒྱལ་ཡོངས་ནས་ཨང་དང་པོར་སླེབས་ཡོད།
ལྷ་སའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་གསར་པ་སྟེ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས། གྲོང་ཁྱེར་ཀུན་ལ་སྔོ་ལྗང་རྩི་ཤིང་ཁེངས།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གཏོད་པའི་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་། འདམ་གཞུང་རྫོང་དང་སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་བཅས་ཀྱང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གཏོད་པའི་དཔེ་སྟོན་རྫོང་དང་ཆུས་སུ་གྱུར་ལ། སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་ཡང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞིར་གྱུར་ཡོད་པ་རེད།
དུས་མཚུངས། 2022ལོར། ལྷ་ས་གྲོང་ཁྱེར་གྱིས་ད་དུང་གཞི་ཁྱོན་ཆེན་པོས་ལྷོ་བྱང་རི་བོའི་ལྗང་སྒྱུར་བཟོ་སྐྲུན་སྤེལ་བ་དང་། གཞོགས་བཞི་དང་འཕུར་འདེབས་ནགས་བཟོར་སྐུལ་འདེད་བཏང་བས་ནགས་བཟོ་མུའུ་ཁྲི55.87ལེགས་གྲུབ་བྱས་པ་དང་། སྒོ་ཀུན་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ཚན་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་དང་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་གྱི་བཅོས་སྒྲིག་བྱ་བ་ཡག་པོར་སྒྲུབ་པས་གནམ་སྔོན་པོ་དང་ཆུ་མོ་དྭངས་བ། ས་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཀྱི་ཕན་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད།
2023ལོར། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས༼2022ལོའི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་དཔལ་ཡོན་གཏོད་པའི་དཔེ་སྟོན་ཁུལ་གྱི་མིང་ཐོའི་སྤྱི་བསྒྲགས༽ཁག་གཉིས་པ་ཡོངས་བསྒྲགས་བྱས་པའི་ནང་། ལྷ་སའི་རྫོང་གཉིས་དང་ཡུལ་ཚོ་དང་གྲོང་རྡལ28། གྲོང་ཚོ106བཅས་ཚུད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注