མེ་བཟའ་འབུམ་སྐྱིད།

མེ་བཟའ་འབུམ་སྐྱིད་ནི་འབུམ་པའི་མགོ་དཔོན་གྱི་སྲས་མོ་སྟེ།གླིང་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་བཙུན་མོ་ཞིག་ཡིན། མོའི་གོ་གནས་འབྲུག་མོ་ལས་དམའ་བ་ཙམ་དང་གླིང་དྭངས་སྨན་མཆེད་བརྒྱད་ཀྱི་ཡ་གྱལ་དུ་གྱུར། མོའི་བྱད་གཟུགས་ཧ་ཅང་མཛེས་ཤིང་ཡིད་འཕྲོག་པ་ཞིག་ཡིན་ཕྱིར། བདུད་རྒྱལ་ཀླུ་བཙན་གྱིས་ཀྱང་རྫུ་འཕྲུལ་གྱིས་འཕྲོག གླིང་གེ་སར་རྒྱལ་པོ་བདུད་ཡུལ་དུ་གཡུལ་འགྱེད་སར་ཕེབས་སྐབས། མེ་བཟས་རོགས་འདེགས་བྱས་པའི་འོག་ཏུ། གླིང་གེ་སར་རྒྱལ་པོས་བདུད་བཏུལ་བའི་རྒྱལ་ཁ་བླངས། མེ་བཟའ་དང་འབྲུག་མོ་གཉིས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་གཅེས་སྐྱོང་རྩོད་པའི་ཆེད་དུ། མེ་བཟས་གླིང་རྗེ་གེ་སར་རྒྱལ་པོ་ལ་བརྗེད་བྱེད་ཀྱི་གསོལ་སྐྱེམས་དྲངས་ནས་གླིང་རྗེ་གེ་སར་རྒྱལ་པོ་མེ་བཟའ་དང་བདུད་བཟའ་ཨ་སྟག་ལྷ་མོ་དང་ལྷན་ཅིག་བདུད་ཡུལ་དུ་ལོ་དགུ་ལུས། དེའི་སྐབས་སུ་ཧོར་གུར་དཀར་རྒྱལ་པོས་གླིང་གི་རྒྱལ་ས་འཕྲོག་པ་དང་། གླིང་དཔའ་ཐུལ་བགྲོངས་ཤིང་འབྲུག་མོ་གསོན་བཟུང་བྱས་པ་སོགས་བྱུང་། ཕྱིས་སུ་ལྷ་བྱ་ཁྲུང་ཁྲུང་དཀར་མོས་སྐྱེལ་བའི་འཕྲིན་ཡིག་ཐོན་རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོ་དང་མེ་བཟའ་གཉིས་ད་གཟོད་གླིང་ཡུལ་དུ་ལོག

ཡང་བཤད་སྲོལ་ཞིག་ལ་མེ་བཟའ་ཐོག་མར་བདུད་ཀླུ་བཙན་རྒྱལ་པོའི་བཙུན་མོ་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོས་བདུད་འདུལ་བའི་དུས་ལ་བཅའ་པའི་སྐབས་སུ། མེ་བཟའ་འབུམ་སྐྱིད་དེ་དཔའ་མཛངས་ལྡན་པའི་གླིང་གེ་སར་རྒྱལ་པོ་ལ་མཛའ་སེམས་སྐྱེས་ཏེ་རོགས་རམ་བྱས་ནས་བདུད་ཀླུ་བཙན་རྒྱལ་པོ་འཇིག་རྟེན་ཕྱི་མའི་ཡུལ་དུ་བསྐྱལ། དེ་ཡི་རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོས་མེ་བཟའ་བཙུན་མོར་ཁབ་ཏུ་བཞེས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号